ས་མིག་གསལ་བསྒྲགས།

༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་རྒྱང་བཅོས་ (Telemedicine) ལས་གཞི་ཆེད་ཆོད་གན་ལས་བྱེད་གཅིག་གི་ས་མིག་ཡོད་པས། རང་རེའི་སྤྱི་ཚོཌ་ཁྲོད་ཞབས་འདེགས་ཞུ་འདོད་ཡོད་རིགས་ནས་འཚང་སྙན་འབུལ་སྐབས་ཚང་དགོས་པའི་ཆ་རྐྱེན་གཤམ་གསལ།

༡། ཉུང་མཐར་ཉེ་བའི་གཙུག་ལག་རབ་འབྱམས་དང་ཚད་མཉམ་སློབ་ཐོན་ལག་འཁྱེར་ཐོག་བོད་ཡིག་རང་སྐྱ་འཕེར་བ་དགོས།
༢། དྭང་བླངས་དཔྱ་དངུལ་ ༢༠༢༡།༣།༣༡ བར་གཙང་ཕུལ་ཟིན་པ།
༣། གནས་ཡུལ་རྒྱལ་ཁབ་ཏུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་ངོ་སྤྲོད་ལག་འཁྱེར་ངོ་བཤུས།
༤། སྨན་པ་ཚད་ལྡན་ནས་གཟུགས་གཞི་བདེ་ཐང་ལས་འཕེར་ཡིན་པའི་ངོས་སྦྱོར་ངོ་མ།
༥། རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཉེས་སྐྱོན་མེད་པའི་ངོས་སྦྱོར།
༦། ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་དེ་ནས་དགག་བྱ་མེད་པའི་ངོས་སྦྱོར་དགོས།
༧། རང་ལོ་ ༤༢ མ་བརྒལ་བ་ཞིག་དགོས།

གོང་གསལ་ཡིག་ཆའི་སྟེང་ས་གནས་འགོ་འཛིན་ནམ་གཞུང་ཞབས་གནས་རིམ་ཟུང་དྲུང་ཡན་གྱི་དག་མཆན་དང་ལས་དམ་བཀོད་དེ་གཤམ་གསལ་ཞལ་བྱང་ཐོག་ ༢༠༢༡།༤།༡༢ ཕྱི་དྲོ་ཚོུད་ ༥ གོང་འབུལ་དགོས། དོ་བདག་སོ་སོར་འབྲེལ་བ་ཞུ་བདེའི་སླད་ཁ་བྱང་དང་། ཡིག་ཆ་ངོ་མ་རྣམས་འབྱོར་ཐོ་འགོད་བཅར་སྐབས་མིག་སྟོན་དགོས། གློག་འཕྲིན་ Email ID དེ་བཞིན་ཁ་པར་ཨང་གྲངས་སོཌ་འཚང་སྙན་ནང་ཁ་གསལ་འགོད་དགོས། ཆ་རྐྱེན་ཚང་བའི་ཞུ་སྙན་ཕུལ་མཁན་རྣམས་ལ་འདེམས་རྒྱུགས་ཀྱི་ཚེས་ཆ་སྐབས་མཚམས་ཐག་གཅོད་བྱ་རྒྱུ་ཡིན་པ་བཅས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་སུ། འཕྲོད་བསྟེན་ལས་ཁུངས་ནས་ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༦ ལ།།
༼འཚང་སྙན་འབུལ་ཡུལ།༽
Secretary,
Department of Health, CTA
Gangchen Kyishong
Dharamsala 176215
Distt Kangra H.P
Email: [email protected]