ས་མིག་གསལ་བསྒྲགས།
༄༅། །བོད་མིའི་དྭང་བླངས་འཕྲོད་བསྟེན་ཚོཌ་པའི་ཁྱབ་ཁོངས་བསྟན་འཛིན་སྒང་ས་གནས་སྨན་ཁང་དུ་སྨན་ཞབས་གཅིག་གི་ས་སྟོང་ཡོད་ན། རང་རེའི་སྤྱི་ཚོཌ་ཁྲོད་ཞུགས་འདོད་ཡོད་མཁན་རྣམས་ནས་འཚང་སྙན་ཕུལ་སྐབས་ཚང་དགོས་པའི་ཆ་རྐྱེན་གཤམ་གསལ།
དགོས་ངེས་ཆ་རྐྱེན་གཞན།
༡། སྨན་ཞབས་ General Nursing or B.Sc. Nursing གང་རུང་སློབ་ཐོན་ཟིན་པའི་ལག་འཁྱེར།
༢། དྭང་བླངས་དཔྱ་དངུལ་ལག་དེབ་ཀྱི་ཤོག་ངོས་དང་པོ་དང་། གཉིས་པ། དང་བླངས་དཔྱ་དངུལ་ ༢༠༢༠།༣།༣༡ བར་གཙང་ཕུལ་ཟིན་པའི་ལག་དེབ་ཀྱི་ངོ་བཤུས།
༣། གནས་ཡུལ་རྒྱལ་ཁབ་ཏུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་ལག་འཁྱེར་གྱི་ངོ་བཤུས།
༤། རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཉེས་སྐྱོན་མེད་པའི་ངོས་སྦྱོར།
༥། སྨན་པ་ཚད་ལྡན་ནས་གཟུགས་གཞི་བདེ་ཐང་ལས་འཕེར་ཡིན་པའི་ངོས་སྦྱོར་སྟེང་རང་ཉིད་ཀྱི་ཕྱེད་པར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང་མཚན་རྟགས་འཁོད་པའི་ཡིག་ཆ་ངོ་མ།
༦། ད་ལྟ་ལས་ཀ་བྱེད་མུས་ཡིན་ཚེ་འབྲེལ་ཡོད་ནས་དགག་བྱ་མེད་པའི་ངོས་སྦྱོར་དགོས།
གོང་གསལ་ཡིག་ཆའི་སྟེང་ས་གནས་འགོ་འཛིན་ནམ་གཞུང་ཞབས་གནས་རིམ་ཟུང་དྲུང་ཡན་གྱི་དག་མཆན་དང་ལས་དམ་བཀོད་དེ་གཤམ་གསལ་ཞལ་བྱང་ཐོག་ ༢༠༢༠ ཟླ་ ༠༡ ཚེས་ ༢༠ ཕྱི་དྲོ་ཚོུད་ ༤ གོང་འབུལ་དགོས། དོ་བདག་སོ་སོར་འབྲེལ་བ་ཞུ་བདེའི་སླད་ཁ་བྱང་དང་། གློག་འཕྲིན་ EmailID དེ་བཞིན་ཁ་པར་ཨང་གྲངས་སོཌ་འཚང་སྙན་ནང་ཁ་གསལ་འགོད་དགོས། ཡིག་ཆ་ངོ་མ་རྣམས་འབྱོར་ཐོ་འགོད་བཅར་སྐབས་མིག་སྟོན་དགོས། ཆ་རྐྱེན་ཚང་བའི་ཞུ་སྙན་ཕུལ་མཁན་རྣམས་ལ་འདེམས་རྒྱུགས་ཀྱི་ཚེས་ཆ་སྐབས་མཚམས་ཐག་གཅོད་བྱ་རྒྱུ་ཡིན་པ་བཅས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་སུ། བསྟན་འཛིན་སྒང་ས་གནས་འགོ་འཛིན་ལས་ཁུངས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༤ ལ།།
༼འཚང་སྙན་འབུལ་ཡུལ།༽
Settlement Officer
Tenzingang Tibetan Settlement Office
P.O Kalakthang, Via Bomdila
Distt West Kameng, 790002
Arunachal Pradesh
Email: [email protected]