ས་མིག་གསལ་བསྒྲགས།
༄༅།།བོད་མིའི་དྭང་བླངས་འཕྲོད་བསྟེན་ཚོགས་པའི་ཁྱབ་ཁོངས་སྦིར་འཕྲོད་བསྟེན་སྨན་ཁང་དུ་ཆོད་གན་ཐོག་འགན་འཛིན་ས་མིག་ཡོད་ན།རང་རེའི་སྤྱི་ཚོགས་ཁྲོད་གོང་གསལ་ས་མིག་ཐོག་ཞབས་ཞུ་གནང་འདོད་ཡོད་རིགས་ནས་གཤམ་གསལ་ཆ་རྐྱེན་ཚང་ཐོག་འཚང་སྙན་འབུལ་དགོས།

དགོས་མཁོའི་ཆ་རྐྱེན་ཁག
༡། གཙུག་ལག་རམས་བྱམས་པ་ཐོན་ཟིན་པའི་ལག་འཁྱེར་ངོ་བཤུས།
༢། སྨན་ཁང་གི་འཛིན་སྐྱོང་དང་རྩིས་ཐོག་ཉམས་མྱོང་ཡོད་ཚེ་དམིགས་བསལ་དགོངས་བཞེས།
༣། ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༣༡ བར་དྭང་བླངས་དཔྱ་དངུལ་ལག་དེབ་གཙང་ཕུལ་ཞུས་པའི་ངོ་བཤུས།
༤། གཟུགས་གཞི་བདེ་ཐང་ལས་འཕེར་ཡིན་པའི་ངོས་སྦྱོར་སྟེང་རང་ཉིད་ཀྱི་ཕྱེད་པར་མཉམ་སྦྱར་ཐོག་ཚད་ལྡན་སྨན་
པའི་ལས་དམ་དང་མཚན་རྟགས་འཁོད་པའི་ངོ་མ།
༥། རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་རྒྱུན་དུ་བྱ་སྤྱོད་ཉེས་སྐྱོན་མེད་པའི་ངོས་སྦྱོར་ངོ་མ།
༦། སྤྱི་སྒེར་གང་རུང་ནང་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་དེ་ནས་དགག་བྱ་མེད་པའི་ངོས་སྦྱོར།
༧། རང་ལོ་ ༤༥ ལས་མ་བརྒལ་བ།
གོང་གསལ་ཡིག་ཆའི་འདྲ་བཤུས་སྟེང་ས་གནས་འགོ་འཛིན་ནམ་གཞུང་ཞབས་གནས་རིམ་ཟུང་དྲུང་ཡན་གྱི་དག་མཆན་དང་ལས་དམ་བཀོད་དེ་གཤམ་གསལ་ཞལ་བྱང་ཐོག་ཕྱི་ལོ་༢༠༢༢ ཟླ་ ༩ ཚེས་ ༡༢ ཕྱི་དྲོ་ཚོུད་ ༥ གོང་འབུལ་འབྱོར་ཐུབ་པ་གནང་དགོས།དོ་བདག་ལ་འབྲེལ་བ་ཞུ་བདེའི་སླད་ཁ་བྱང་དང་།གློག་འཕྲིན་ Email ID དེ་བཞིན་ཁ་པར་ཨང་གྲངས་སོགས་འཚང་སྙན་ནང་ཁ་གསལ་བཀོད་དགོས།ཡིག་ཆ་ངོ་མ་རྣམས་འབྱོར་ཐོ་འགོད་བཅར་སྐབས་མིག་སྟོན་དགོས།ཆ་རྐྱེན་ཚང་བའི་ཞུ་སྙན་ཕུལ་འབྱོར་བྱུང་བ་རྣམས་ལ་འདེམས་རྒྱུགས་ཀྱི་ཚེས་ཆ་སྐབས་མཚམས་ཐག་གཅོད་ཀྱིས་ཁུངས་འབྲེལ་བྱ་རྒྱུ་ཡིན་པ་བཅས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་སུ།༕འཕྲོད་བསྟེན་ལས་ཁུངས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༢༣ ལ།།
༼འཚང་སྙན་འབུལ་ཡུལ།༽
Secretary
Department of Health, CTA
GangchenKyishong, Dharamsala 176215
DisttKangra H.P
Email: [email protected] /[email protected]