ས་མིག་གསལ་བསྒྲགས།

༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་སུ་ཆོད་གན་ལས་དྲུང་གཉིས་ཀྱི་ས་སྟོང་ཡོད་ན། རང་རེའི་སྤྱི་ཚོཌ་ཁྲོད་ཞུགས་འདོད་ཡོད་མཁན་རྣམས་ནས་འཚང་སྙན་ཕུལ་སྐབས་ཚང་དགོས་པའི་ཆ་རྐྱེན་གཤམ་གསལ།

ཨང་། སྡེ་ཚན། ཤེས་ཚད། ས་མིག ལས་མྱོང་།
༡། སྤྱི་ཚོགས་འཕྲོད་བསྟེན་སྡེ་ཚན།  B.Sc. Nursing ལོ་གཅིག
༢། ཆུ་དང་གཙང་འཕྲོད་སྡེ་ཚན། Graduate མེད།

 

ཆ་རྐྱེན་གཞན་ཚང་དགོས་ཁག

༡།   གོང་གསལ་ཤེས་ཚད་ཀྱི་ལག་འཁྱེར་ངོ་བཤུས།

༢།  དྭང་བླངས་དཔྱ་དངུལ་ ༢༠༡༩།༣།༣༡ བར་གཙང་ཕུལ་ཟིན་པའི་ངོ་བཤུས།

༣།  གནས་ཡུལ་རྒྱལ་ཁབ་ཏུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་སྐྱབས་བཅོལ་ཡིག་ཆའི་ངོ་བཤུས།

༤།  གཟུགས་གཞི་བདེ་ཐང་ལས་འཕེར་ཡིན་པའི་ངོས་སྦྱོར་སྟེང་རང་ཉིད་ཀྱི་ཕྱེད་པར་མཉམ་སྦྱར་ཐོག་ཚད་ལྡན་སྨན་པའི་ལས་དམ་དང་མཚན་རྟགས་འཁོད་པ་ངོ་མ།

༥།  སྤྱི་སྒེར་གང་རུང་དུ་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་དེ་ནས་དགག་བྱ་མེད་པའི་ངོས་སྦྱོར།

༦།  རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཉེས་སྐྱོན་མེད་པའི་ངོས་སྦྱོར་ངོ་མ།

༨།  རང་ལོ་ ༢༥ ནས་ ༣༥ ལས་མ་བརྒལ་བ།

གཤམ་གསལ་ཆ་རྐྱེན་ཡོད་ཚེ་དམིགས་བསལ་གོ་སྐབས་འབུལ་རྒྱུ།

༡།   སྤྱི་ཚོགས་འཕྲོད་བསྟེན་ཆེད་གོང་གསལ་ཤེས་ཚད་སྟེངས་བྱིས་པའི་ནད་ཁང་(Paediatric Ward) ནང་ལས་ཀའི་ཉམས་མྱོང་དང་། འཕྲོད་བསྟེན་གྲངས་ཐོ་བསྡུ་རུབ་དང་དཔྱད་ཞིབ་ཐོག་ཉམས་མྱོང་ཡོད་པ།

༢།  ཆུ་དང་གཙང་འཕྲོད་སྡེ་ཚན་ཆེད་གོང་གསལ་ཤེས་ཚད་ནང་ས་ཁམས་རིག་པ་༼Geography༽ཡོད་པ་དང་། ལས་ཀའི་ཉམས་མྱོང་ཡོད་པ།

གོང་གསལ་ཡིག་ཆའི་འདྲ་བཤུས་སྟེང་ས་གནས་འགོ་འཛིན་ནམ་གཞུང་ཞབས་གནས་རིམ་ཟུང་དྲུང་ཡན་གྱི་དག་མཆན་དང་ལས་དམ་བཀོད་དེ་གཤམ་གསལ་ཞལ་བྱང་ཐོག་ ༢༠༡༩།༤།༡༠ ཕྱི་དྲོ་ཚོུད་ ༥ གོང་འབུལ་དགོས། དོ་བདག་ལ་འབྲེལ་བ་ཞུ་བདེའི་སླད་ཁ་བྱང་དང་། གློག་འཕྲིན་ Email ID དེ་བཞིན་ཁ་པར་ཨང་གྲངས་སོཌ་འཚང་སྙན་ནང་ཁ་གསལ་འགོད་དགོས། ཡིག་ཆ་ངོ་མ་རྣམས་འབྱོར་ཐོ་འགོད་བཅར་སྐབས་མིག་སྟོན་དགོས། ཆ་རྐྱེན་ཚང་བའི་ཞུ་སྙན་ཕུལ་མཁན་རྣམས་ལ་འདེམས་རྒྱུགས་ཀྱི་ཚེས་ཆ་སྐབས་མཚམས་ཐག་གཅོད་བྱ་རྒྱུ་ཡིན་པ་བཅས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་སུ། འཕྲོད་བསྟེན་ལས་ཁུངས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༩ ལ།།

༼འཚང་སྙན་འབུལ་ཡུལ།༽

Secretary,

Department of Health, CTA

Gangchen Kyishong, Dharamsala 176215

Distt Kangra H.P                     

Email:     [email protected]