ལས་བྱེད་ས་སྟོང་གསལ་བསྒྲགས་།

༄། ། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁུངས་སྡེ་ར་ལྡུན་མངོན་དགའ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭའི་ནང་ཆོད་གན་ཐོག་ཕྱི་སྤྱོད་གསོ་ཐབས་སྨན་པའི་ལས་རོགས་ (Physio-Assistant) ས་མིག་གཅིག་སྟོང་པ་ཡོད་ན། རང་རའི་སྤྱི་ཚོགས་ཁྲོད་གོང་གསལ་ས་མིག་ཐོག་ཞུགས་འདོད་ཡོད་རིགས་ནས་གཤམ་གསལ་ཆ་རྐྱེན་ཐོག་ཚང་སྙན་འབུལ་དགོས་།

དགོས་མཁོའི་ཆ་རྐྱེན་ཁག

༡༽     དམའ་མཐར་སྨན་ཞབས་སམ་ (Massage Therapy Course) ཐོན་པའི་ལག་འཁྱེར། ཡང་ན་འཛིན་རིམ་བཅུ་གཉིས་ཚན་རིག་སློབ་ཚན་   ཐོན་པ། ཡང་ན་འཕྲོད་ལས་པའི་ཕྱག་འཁྱེར་ཡོད་པ་བཅས་དགོས།

༢༽     དང་བླངས་དཔྱ་དངུལ་ལག་དེབ་ཀྱི་ཤོག་ངོས་དང་པོ་དང་། གཉིས་པ། དང་བླངས་དཔྱ་དངུལ་ ༢༠༡༩ བར་གཙང་ཕུལ་ཞུས་པའི་ལག་དེབ་      ཀྱི་ངོ་བཤུས་མཉམ་འབུལ་དགོས།

༣༽     གནས་ཡུལ་རྒྱལ་ཁབ་ཏུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་འདྲ་པར་ཅན། མཐའ་མ་བཅས་ཀྱི་    ངོ་བཤུས་མཉམ་འབུལ་དགོས།

༤༽    སྨན་ཁང་ཚད་ལྡན་ནས་གཟུགས་གཞི་བདེ་ཐང་ལས་འཕར་ཡིན་པའི་ངོས་སྦྱོང་སྟེང་རང་ཉིད་ཀྱི་ཕྱེད་པར་མཉམ་སྦྱར་ཐོག་སྨན་པའི་ལས་        དམ་དང་མཚན་རྟགས་འཁོད་པའི་ཡིག་ཆ་ངོ་མ།

༥༽     ད་ལྟ་སྤྱི་སྒེར་གང་རུང་དུ་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་དེ་ནས་དགག་ཆ་མེད་པའི་ངོས་སྦྱོར་ངོ་མ་དགོས།

༦༽     རང་ལོ་ ༤༥ ལས་མ་བརྒལ་བ། སྐྱེས་ཚེས་ལག་འཁྱེར་འམ་དི་མིན་ཁུངས་སྐྱེལ་ཡིག་ཆ་གཞན་གྱི་ངོ་བཤུས།

མཐུན་རྐྱེན།

ཕགས་དང་ཐོབ་ཐང་གཞན་འདི་གའི་སྒྲིག་གཞི་ལྟར་འཐོབ་རྒྱུ།

གོང་གསལ་ཡིག་ཆ་དང་སྙན་ཞུ་ཕྱི་ལོ་ ༢༠༡༩ ཕྱི་ཟླ་ ༡༢ ཚེས་ ༣༠ ཕྱི་དྲོ་ཆུ་ཚོད་ ༥ གོང་གཤམ་གསལ་ཁ་བྱང་ཐོག་འབུལ་དོགས་རྒྱ། དོ་བདག་སོ་སོར་འབྲེལ་བཞུ་བདེའི་སླད་ཁ་བྱང་དང་། གློག་འཕྲིན་ཁ་བྱང་ Email དེ་བཞིན་ཁ་པར་ཨང་གྲངས་སོགས་འཚང་སྙན་ནང་ཁ་གསལ་བཀོད་དགོས། གོང་གསལ་ལག་འཁྱེར་དང་ཡིག་ཆ་ཁག་གི་ངོ་བཤུས་ཁག་ལ་ས་གནས་འགོ་འཛིན་ནམ། བོད་མིའི་སྒྲིག་འཛུགས་ཀྱི་ཟུང་དྲུང་གནས་རིམ་ཡན་སུ་རུང་གི་དག་མཆན་ལས་དམ་འཁོད་དགོས་པ་བཅས། མངོན་དགའ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭའི་ལས་ཁུངས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༢ ལ།

༼འཚང་སྙན་འབུལ་ཡུལ།༽

The Department of Health is announcing a job vacancy of a Physiotherapy Assistant at Ngoenga School. Applicant should send copies of the documents listed below on or before December 30, 2019 5:00pm.

Director,

Ngoenga School for Tibetan Children with Special Needs.

Sahastradhara Road, P.O. Kulhan – 248 001

Distt. Dehradun, Uttrakhand, INDIA.

E-mail: [email protected], www.ngoengaschool.org

Ph: (0135) 2607688 / 9902106044 / 9739497700

Leave a Reply

Your email address will not be published. Required fields are marked *

Fill out this field
Fill out this field
Please enter a valid email address.
You need to agree with the terms to proceed

Menu