Dental Training for Dental Therapist

Department of Health, in collaboration with Taiwan-Health Co-Op Organization,Cathy’s General Hospital and Taiwan Dental Association organized a dental training for Dental Therapists at Tibetan Primary Health center at Bir from 20th to 31st July, 2015. The training was attended by … Continued

Health Department’s Clarification Regarding Tashi Wangdu’s Allegation (in Tibetan)

༄༅། །འཕྲོད་བསྟེན་ལས་ཁུངས་ནས་གསལ་བཤད། ༢༠༡༥།༧།༢༢ ཉིན་སྲིད་སྐྱོང་འོས་ལངས་པ་བཀྲིས་དབང་འདུས་ལགས་ནས་རྡ་ས་མེ་གྷན་ Club House ལ་མང་ཚོཌ་འདུ་འཛོམས་སྐབས་གཞིས་ཆགས་ཁག་གཅིག་ནང་སྨན་ཁང་ཡོད་ན་ཨེམ་ཆི་ཡོད་མ་རེེད། ཨེམ་ཆི་ཡོད་ན་སྨན་ཞབས་ཡོད་མ་རེད། སྨན་ཞབས་ཡོད་ན་སྨན་རྗུན་མ་སྤྲོད་ཀྱི་ཡོད་རེད་གསུངས་པ་ལ་གསལ་བཤད་ཁག་གཤམ་གསལ། ༡།   ༢༠༡༢ ༒ལོར་འཕྲོད་བསྟེན་ཁྱབ་ཁོངས་སྨན་ཁང་ཁག་ནང་སྨན་པ་གྲངས་ ༧ ཙམ་ཡོད།   ད་ལྟའི་འཆར་ལྡབ་འཕར་བྱས་ཏེ་སྨན་པ་གྲངས་ ༡༦ ཙམ་ཡོད། ༢།   འདི་གའི་ཁྱབ་ཁོངས་སྨན་ཁང་ཁག་ནང་སྨན་ཞབས་སམ་འཕྲོད་ལས་གྲངས་བརྒྱ་ལྷག་ཡོད།      སྨན་ཞབས་མེད་པའི་དཀའ་ངལ་མེད། ༣།   སྨན་ཞབས་ཡོད་ན་སྨན་རྗུན་མ་སྤྲོད་ཀྱི་ཡོད་རེད་གསུངས་པ་དེ་ཁུངས་ལྡན་རྩ་བ་ནས་མིན། ཁུངས་ལྡན་མིན་པའི་དཀའ་མོལ་འདི་རིགས་ཀྱི་འཕྲོད་བསྟེན་ཁྱབ་ཁོངས་སུ་ཡོད་པའི་ལྷག་བསམ་ཅན་གྱི་ལས་བྱེད་རྣམས་པར་ཤིན་ཏུ་བློ་ཕམ་ཡོང་རྒྱུ་ལས་མ་འདས་པར་མང་ཚོཌ་ཀྱི་མཁྱེན་རྟོགས་སླད་དངོས་ཡོད་གནས་སྟངས་གསལ་བཤད་དུ། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས།། ཁོང་གི་གསུངས་པ་དེ་ནོར་ཝེ་རླུང་འཕྲིན་དྲ་རྒྱ་ནང་ཡོད།